Blog Archive
About Me
- གངྒའི་ཆུ་རྒྱུན།
- གངྒཱའི་ཆ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གསར་བསྐྲུན་བྱས་པ་ཞིག་ཡིན།
རྩོམ་སྒྲིག་ཚོགས་མི
༢༠༡༠ ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།
དྲ་ངོས་བཀླག་གྲངས།
Powered by Blogger.

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།
འབྲེལ་ཡོད་དྲ་འབྲེལ།
Followers
Wednesday, 28 September 2011
འགོས་པདྨ་རྒྱལ་མཚན།
མཁས་པའི་ཐོག་མ་འཇིག་རྟེན་མིག །
ཀུན་ཏུ་བཟང་པོ་སམྦྷོཊ། །
སློབ་དཔོན་ཨ་ནུ་ཐུ་མིའི་རིགས། །
གངས་ཅན་སྒྲོན་མེ་ཐོན་མིར་འདུད། །
བར་གཞིས་པཎ་ཆེན་ལེགས་བཤད་ལ། །
མཁས་མཆོག་བརྩོན་འགྲུས་མན་ངག་བརྒྱན། །
འགོས་ཀྱི་རིགས་པའི་ཁྲ་ཚོམ་ཅན། །
དུས་གསུམ་ལྔ་ཡི་དོ་ཤལ་སྤེལ། །
དུས་གསུམ་སྤྱིར་བཏང་།
དང་པོ་དུས་གསུམ་སྤྱིར་བཏང་ནི། །
ཐོན་མི་མཁན་པོའི་རྟགས་འཇུག་ལས། །
ཕོ་ནི་འདས་དང་དེ་བཞིན་དུ། །
མ་ནིང་གཉིས་ཀ་མོ་ནི་བདག །
ཅེས་པས་དངོས་སུ་གསལ་བར་བསྟན། །
མིང་གཞི་མགོ་ཅན་ལ་བཏགས་ལ། །
སྔོན་འཇུག་ཕོ་ཡིག་ཁོ་ན་འཇུག །
སྔོན་འཇུག་མ་ནིང་མོ་ཡོད་ཕྱིར། །
མགོ་ཅན་ལ་བཏགས་ས་ར་བཏགས། །
མེད་ཅིང་བྱེ་བྲག་ལྡོག་ཟླ་ཡིན། །
མིང་གཞི་རྐྱང་འདོགས་ཁོ་ནར་ངེས། །
མ་འོངས་འཕུལ་བྱེད་མ་ནིང་ངེས། །
ད་ལྟ་བ་ལ་མོས་འཕུལ་ཞིང་། །
སྔོན་འཇུག་མོ་ཡིག་འཇུག་མིན་ཚབ། །
བརྗོད་བདེར་མ་ནིང་ཉུང་ངུར་མངོན། །
པ་སྡེ་མ་གཏོགས་འདས་པར་ཕོ། །
སྒྲ་གདངས་མ་ངེས་འགྱུར་སྣང་སྟེ། །
མིང་གཞི་འགྱུར་བའི་གནད་ཀྱིས་སོ། །
མ་འོངས་ད་ལྟའི་མིང་གཞི་མོ། །
འདས་ཕོ་སྐུལ་ཚིག་མ་ནིང་སྟེ། །
ཕལ་ཆེར་ངེས་ཀྱང་བརྗོད་བདེར་མིན། །
སྐུལ་ཚིག་ཕལ་ཆེར་འཕུལ་མེད་ཡིན། །
དུས་གསུམ་གཅིག་གི་སྔོན་འཇུག་ལ། །
ཕོ་མོ་མ་ནིང་འཇུག་ཡུལ་དེ། །
སྒོས་སུ་གཞན་ལས་མང་བའི་ཕྱིར། །
སྤྱིར་བཏང་འཇུག་ཕྱིར་སྤྱི་ཞེས་བཏགས། །
གདུལ་བྱ་འདུལ་བྱེད་བཏུལད་ཐུལད་ཅིག །
དགག་བྱ་འགོག་བྱེད་བཀག་ཁོགས་ཤིག །
གཅད་བྱ་གཅོད་བྱེད་བཅད་ཆོད་ཅིག །
དགྲམ་བྱ་འགྲེམ་བྱེད་བཀྲམ་ཁྲོམས་ཤིག །
དབྱེ་བྱ་འབྱེད་བྱེད་ཕྱེ་ཕྱེས་ཤིག །
ཅེས་སོགས་མཚུངས་པར་ཤེས་པར་བྱ། །
དུས་གསུམ་བྱེ་བྲག
གཉིས་པ་དུས་གསུམ་བྱེ་བྲག་ནི། །
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །
ཞེས་པས་དངོས་སུ་བསྟན་པ་ཡིན། །
དེ་ལ་དུས་གསུམ་བྱེ་བྲག་གི། །
མིང་གཞི་མགོ་ཅན་ལ་བཏགས་དང་། །
ས་ལ་ར་བཏགས་གཙོ་བོ་སྟེ། །
རྐྱང་པ་འགའ་ཡང་མཆིས་པ་ཡིན། །
མིང་གཞི་འགྱུར་བ་མེད་པས་ན། །
མིང་གཞིའི་རྟགས་ལ་འགྱུར་བ་མེད། །
མགོ་ཅན་གཙོ་ཕྱིར་ཕོ་ལས་གཞན། །
སྔོན་འཇུག་འཇུག་པའི་སྐབས་མི་སྲིད། །
ཁྱད་པར་མིང་གཞི་མགོ་ཅན་གྱི། །
དུས་གསུམ་ཕལ་ཆེར་བྱེ་བྲག་སྟེ། །
རང་སྡེ་ཕྲད་པས་པ་སྡེ་ཡི། །
མགོ་དང་མགོ་ཅན་གཞན་འགའ་མེད། །
དེ་ཡང་དབྱངས་ཅན་གྲུབ་རྡོར་གྱིས། །
འདས་ལ་བས་འཕུལ་ཡང་འཇུག་ཡོད། །
ད་ལྟ་བ་ལ་གཉིས་ཀ་མེད། །
མ་འོངས་འཕུལ་ཡོད་ཡང་འཇུག་མེད། །
སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད། །
སྐབས་འགར་འདས་དང་སྐུལ་ཚིག་ལ། །
ས་རྐྱང་སྦྱར་བས་འཐུས་པའང་ཡོད། །
གསུངས་བཞིན་དུས་གསུམ་གཞན་ལས་མང་། །
འདས་དང་མ་འོངས་གཉིས་པོ་ལ། །
སྔོན་འཇུག་བྱེ་བྲག་ཕོ་ལས་གཞན། །
འཇུག་པ་མེད་པའི་སྡེ་ཚན་ལ། །
དུས་གསུམ་བྱེ་བྲག་ཅེས་སུ་གྲགས། །
བསྐང་བྱ་སྐོང་བྱེད་བསྐངས་སྐོངས་ཤིག །
བཀླག་བྱ་ཀློག་བྱེད་བཀླགས་ཀློགས་ཤིག །
བསྲེ་བྱ་སྲེ་བྱེད་བསྲེས་སྲེས་ཤིག །
བསམ་བྱ་སེམས་བྱེད་བསམས་སོམས་ཤིག །
བསྐོ་བྱ་སྐོ་བྱེད་བསྐོས་སྐོས་ཤིག ། །
ཅེས་སོགས་རིགས་བསྒྲེས་ཤེས་པར་བྱ། །