Blog Archive
About Me
- གངྒའི་ཆུ་རྒྱུན།
- གངྒཱའི་ཆ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་རིག་གཞུང་ལ་དོན་གཉེར་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གསར་བསྐྲུན་བྱས་པ་ཞིག་ཡིན།
རྩོམ་སྒྲིག་ཚོགས་མི
༢༠༡༠ ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
སློབ་སྟོན་པ། བེ་རི་འཇིགས་མེད
རྩོམ་སྒྲིག་པ། ནོར་བུ་ཉི་མ། བསྟན་འཛིན་དགེ་རྒྱས་སོགས།།
གངྒཱའི་ཆུ་རྒྱུན་ཞེས་པའི་དྲ་རྒྱ་འདི་ནི་༢༠༡༠ལོའི་ཝཱ་ཎ་དགེ་འོས་འཛིན་གྲྭ་ནས་ཆེད་དུ་གསར་བསྐྲུན་བྱས།
དྲ་ངོས་བཀླག་གྲངས།
Powered by Blogger.

དྲ་རྒྱ་བཟོ་བཀོད་པ་བསོད་ནམས་འོད་ཟེར།
འབྲེལ་ཡོད་དྲ་འབྲེལ།
Followers
Tuesday, 8 November 2011
རྣམ་དབྱེ་དང་ཚིག་ཕྲད་ཀྱི་ཁྱད་པར།
རྣམ་དབྱེའང་ཚིག་ཕྲད་ཡིན་མོད། ཚིག་ཕྲད་ལས་ལོགས་སུ་བཀར་དོན་ནི། དེ་གཉིས་ཀྱི་ནུས་པ་མི་གཅིག རྣམ་དབྱེ་ནི་གཙོ་ཆེར་བདག་གཞན་ཆོས་གཉིས་རྣམ་པར་དབྱེ་བའི་སྒྲ་སྟེ། ཆོས་གཉིས་གནད་དུ་བཟུང་ནས་ཚིག་ཏུ་བསྒྲུབ་པ་ལ། སོ་སོའི་རྣམ་པ་མ་འདྲེས་པར་ཕྱེ་ཞིང་། གཙོ་ཆེར་བྱ་བའི་ཡུལ་ལམ། བྱེད་པའམ། དགོས་པའམ། འབྱུང་ཁུངས་སམ། འབྲེལ་བའམ། རྟེན་གཞི་སོགས་དོན་ངེས་ཅན་ཞིག་གསལ་བར་བྱེད་པའི་སྒྲ་ཡིན་ལ། སྒྲ་དེ་ཚིག་སྦྱོར་དུ་མ་བཅུག་ན། ཆོས་གཉིས་ཀྱི་ངོ་བོ་གཅིག་ཏུ་འདྲེས་ནས་དོན་ཁོ་ཐག་ཅིག་སྟོན་མི་སྲིད་པས། ཚིག་སྦྱོར་དུ་མེད་དུ་མི་རུང་བ་ཞིག་ཡིན་ཏེ། དཔེར་བརྗོད་ན། སློབ་ཁང་དུ་འགྲོ། ཞེས་པར། ལའི་དོན་ཅན་གྱི་དུ་སྒྲ་མ་སྦྱར་ན། བྱ་བའི་ཡུལ་སློབ་ཁང་། བྱ་བ་འགྲོ་བ་གཉིས་རྣམ་པར་མ་ཕྱེད་པས། འགྲོ་སའི་ཡུལ་དང་། འགྲོ་བའི་བྱ་བ་གཉིས་ངོ་བོ་གཅིག་པར་གྱུར་ནས། སློབ་ཁང་རང་འགྲོ་བའི་དོན་ཅན་དུ་འཁྲུལ་བར་གྱུར་འགྲོའོ། །
ཚིག་ཕྲད་ནི་མིང་ངམ་ཚིག་འཕྲད་པར་བྱེད་པའི་སྒྲ་སྟེ། མིང་ངམ་མིང་ངམ། ཚིག་དང་ཚིག་གོ་རིམ་བཞིན་དུ་མཚམས་སྦྱར་ནས། ཚིག་སྒྲིག་པའམ། ངག་གི་ཕྲེང་བ་སྤེལ་བའམ། ཚིག་མཛེས་པར་བྱེད་པའམ། དོན་གསལ་བར་བྱེད་པའི་སྒྲ་ཡིན་ལ། ཚིག་སྦྱོར་དུ་མ་བཅུག་ཀྱང་གོ་བརྡ་འཕྲོད་པས། ཚིག་སྦྱོར་དུ་མེད་ཀྱང་རུང་བ་ཞིག་ཡིན་ཏེ། དཔེར་ན། སྟག་དང་གཟིག་དང་དོམ་དང་དྲེད་སོགས་ནི་གཅན་གཟན་ནོ། །ཞེས་པའི་ཚིག་གི་དང་སྒྲ་བསུབས་ཀྱང་གོ་བརྡ་སྔར་བཞིན་འཕྲོད་པའོ། །
དཔའ་རིས་སངས་རྒྱས་ཀྱིས་བརྩམས་པའི་བརྡ་སྤྲོད་གསལ་བྱེད་སྒྲོན་མེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
ཤོག་ངོས། 2 ལས་ཟུར་བཏོན་ཞུས།